གནས་ཡུལ། མདུན་ངོས། དོ་སྣང་བྱེད་རོགས་མཛོད།
 
 
༄༅།།བྱམས་པ་ཕུན་ཚོགས་ཀྱིས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ཁང་ཆེན་སོགས་ལ་གཟིགས་ཞིབ་གནང་སྐབས།
སྤེལ་དུས།2007-12-24   ཡོང་ཁུངས་།   རྩོམ་པ་པོ།

   རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ་མི་དམངས་ལ་རིག་གནས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནས་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11ཚེས23ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་གསར་དུ་སྐྲུན་བཞིན་པའི་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ཁང་ཆེན་གྱི་ལས་གྲྭ་དང་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་ལས་གྲྭར་གཟིགས་ཞིབ་དང་རང་ལྗོངས་ཀྱི་རིག་གནས་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་ཤེས་རྟོགས་གནང་སྟེ་དེ་རང་དུ་གནད་དོན་ཐག་གཅོད་གནང་ཞིང་།བྱམས་པ་ཕུན་ཚོགས་ཀྱིས་ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་སློབ་སྤྱོང་ལག་བསྟར་བྱེད་པ་དང་ལྷག་པར་དུ་རིག་གནས་འཛུགས་སྐྱོང་ཐད་བཏོན་པའི་ཚོགས་ཆེན་བཅུ་བདུན་པའི་སྙན་སྒྲོག་ནང་གི་ཆོད་སྡོམ་གསར་པ་དང་།ལས་འགན་གསར་པ།བླང་བྱ་གསར་པ་བཅས་ལ་གཞིགས་ཏེ་བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་ཀྱིས་རང་ལྗོངས་ཀྱི་རིག་གནས་བྱ་གཞག་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་ཧུར་ཐག་བཏང་སྟེ་རྒྱ་ཆེའི་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེ་དེ་བས་ཕུན་ཚོགས་པ་ཞིག་མཁོ་འདོན་བྱས་ཐོག་མི་དམངས་ལ་རིག་གནས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་དུ་ལོངས་སྤྱོད་བྱེད་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་།

བྱམས་པ་ཕུན་ཚོགས་ཀྱིས་དང་ཐོག་གསར་དུ་སྐྲུན་བཞིན་པའི་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ཁང་ཆེན་གྱི་འཛུགས་སྐྲུན་ལས་ཡུལ་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང།

གསར་དུ་སྐྲུན་བཞིན་པའི་བོད་ལྗོངས་རླུང་འཕྲིན་སྒྱུར་བཟོ་ཁང་ཆེན་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་བྲག་རི་གྲོང་ཚོར་གནས་པ་དང་ས་བཟུང་རྒྱ་ཁྱོན་མུའུ20ཡོད་པ་དང་ན་ནིང་ཟླ་10པར་ལས་འགོ་ཚུགས་ཤིང་།

མིག་སྔར་སྒྱུར་བཟོ་ཁང་ཆེན་དེ་དུས་མཇུག་གི་ཨར་རྒྱག་དུས་རིམ་དུ་སླེབས་ཡོད།ལས་གྲྭ་དེ་བསྐྲུན་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་རླུང་འཕྲིན་གློག་བརྙན་བྱ་གཞག་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དྲིལ་བསྒྲགས་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་མཚོན་པ་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་བོད་སྐད་འཁྲབ་ཚན་སྒྱུར་བཟོའི་ལས་ཀར་ཤུགས་ཆེའི་རྒྱབ་སྐྱོར་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་བོད་སྐད་ལེ་ཚན་ལྟ་ཉན་ཡག་པོ་ཐུབ་ཆེད་ཐུགས་ནུས་ཡོད་རྒུ་བཏོན་གནང་ཡོད།ལས་ཡུལ་དུ་བཟོ་པ་ཚོས་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་ཡོད་པ་དང་བྱམས་པ་ཕུན་ཚོགས་ཀྱིས་ཕྱོགས་གཅིག་ནས་གཟིགས་པ་དང་སྤུས་ཚད་སོགས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་གནང་བ་དང་ཕྱོགས་མཚུངས་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་འགན་འཁུར་བའི་སྙན་ཞུ་ཡང་གསན་པ་དང་བྱམས་པ་ཕུན་ཚོགས་ཀྱིས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་ལ་ཕྱར་བ་གྲུ་འདེབས་དང་མཐུན་འགྲིག་དང་གཞོགས་འདེབས་ལ་ཤུགས་སྣོན་རྒྱག་པ།བདེ་འཇགས་ངང་ཨར་རྒྱག་བཅས་བྱས་ཏེ་ལས་གྲྭ་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་ངང་ལེགས་གྲུབ་ཡོང་རྒྱུའི་འགན་ལེན་བྱས་ཏེ་བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ཁང་ཆེན་དེ་ཉིན་ལས་གྲྭ་རྩེ་གྲྭ་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ལས་གྲྭ་ཞིག་ཏུ་བསྐྲུན་རྒྱུའི་བླང་བྱ་བཏོན་གནང་བ་རེད།

བོད་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ཁང་ཆེན་གྱི་ལས་གྲྭར་གཟིགས་ཞིབ་གནང་རྗེས་བྱམས་པ་ཕུན་ཚོགས་ཀྱིས་མུ་མཐུན་རང་སྐྱོང་ལྗོངས་ལྷ་མོའི་སྒྱུར་རྩལ་ལྟེ་གནས་ལ་གཟིགས་ཞིབ་གནང་ཞིང་རང་སྐྱོང་ལྗོངས་ལྷ་མོའི་སྒྱུར་རྩལ་ལྟེ་གནས་ཀྱི་ལས་གྲྭ་དེ་ནི་རང་སྐྱོང་དབུ་བརྙེས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རྟེན་འབྲེལ་ཆེན་མོའི་རྣམ་གྲགས་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲགས་ཀྱི་གྲས་ཤིག་ཡིན་ཞིང་ལས་གྲྭ་དེ་ནི་ན་ནིང་ཟླ3པར་ལས་འགོ་བཙུགས་པ་དང་འདི་ལོའི་ཟླ8པར་ལས་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་གཙོ་གཟུགས་ལས་གྲྭའི་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲི་གྲུ་བཞི་མ་10288ཡོད་ཅིང་།བྱམས་པ་ཕུན་ཚོགས་རང་སྐྱོང་ལྗོངས་ལྷ་མོའི་སྒྱུར་རྩལ་ལྟེ་གནས་སུ་ཕེབས་སྐབས་ལྷ་མོའི་འཁྲབ་སྟོན་པ་བརྒྱ་ཙམ་གྱིས་ཨའོ་ལིན་ཕི་ཁེ་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་པའི་ལྷ་མོའི་འཁྲབ་ཚན་ནང་སྦྱོང་བྱེད་བཞིན་ཡོད་ཅིང་།བྱམས་པ་ཕུན་ཚོགས་ཀྱིས་དགྱེས་ཚོར་ཆེན་པོའི་ངང་ནང་སྦྱོང་གཟིགས་པ་དང་འབྲེལ་འཁྲབ་སྟོན་པར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།དེ་རྗེས་བྱམས་པ་ཕུན་ཚོགས་ཀྱིས་སྒྱུ་རྩལ་ལྟེ་གནས་ཀྱི་ལས་གྲྭའི་གར་སྟེགས་དང།ལྟད་མོ་བའི་ཚོམས་ཆེན།ནུས་མང་ཚོམས་ཆེན།ལྷ་མོའི་བཤམས་རྫས་ཁང་།མཛེས་འཆོས་ཁང་སོགས་ལ་གཟིགས་པ་དང་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འགན་འཁུར་བའི་གནས་ཚུལ་ངོ་སྤྲོད་གསན་རྗེས་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་ཆེན་བཅུ་བདུན་པའི་སྙན་སྒྲོན་ནང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་དགོས་ཞེས་བཏོན་ནས་རིག་གནས་འཕེལ་རྒྱས་འགྲོ་རྒྱུ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་བཞག་པས་དོན་སྙིང་གལ་འགངས་ཆེ་བ་དང་བོད་ཀྱི་རིག་གནས་བྱ་བཞག་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་གསར་པ་བཏོད་ཡོད་ཅེས་དང་བྱམས་པ་ཕུན་ཚོགས་ཀྱིས་འཁྲིས་སུ་ཡོད་པའི་རིག་རྩལ་ལས་དོན་པར་ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ནས་རང་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པར་རིག་གནས་སྒྱུ་རྩལ་འཕེལ་རྒྱས་འགྲོ་བའི་དཔྱིད་ཀ་ལྟ་བུ་འཆར་བས་རིག་གནས་ཁྲོམ་ར་ཕུན་སུམ་ཚོགས་སུ་དང་རིགས་གནས་སྒྲིག་སྲོལ་ཟུངས་ནུས་གསར་གཏོད་བྱ་རྒྱུར་སྐུལ་མ་བཏང་སྟེ་རང་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་གསུངས།ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་ལྷ་མའི་སྒྱུ་རྩལ་ལྟེ་གནས་སོགས་རིག་གནས་སྒྲིག་བཀོད་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་གཏོང་བ་དང་ཁོང་ཚོའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཚོས་ཉན་སྤྲོ་ཞིང་ལྟ་འདོད་པའི་རིག་རྩལ་འཁྲབ་ཚན་དེ་བས་མང་ཞིང་ལེགས་པ་གསར་རྩོམ་དང་འཁྲབ་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

                                              

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060